(亲友书)作者龙树菩萨-藏文版-(上部)
2011-12-26 23:02阅读:
རྒྱ་གར་སྐད་དུ་། སུ་ཧྲི་ད་ལེ་ཁ།
བོད་སྐད་དུ།
བཤེས་པའི་སྤྲིངས་ཡིག
འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །
ཡོན་ཏན་རང་བཞིན་དགེ་འོས་བདག་གིས་ནི། །
བདེ་བར་གཤེགས་པའི་གསུང་སྙན་ལས་བྱུང་བའི། །
བསོད་ནམས་འདུན་སླད་འཕགས་པའི་དབྱངས་འདིདག ། །
ཅུང་ཟད་ཅིག་བསྡེབས་ཁྱོད་ཀྱིས་གསན་པའི་རིགས། །
ཇི་ལྟར་བདེ་བཤེགས་སྐུ་གཟུགས་ཤིང་ལས་ཀྱང་། །
བགྱིས་པ་ཅི་འདྲའང་རུང་སྟེ་མཁས་པས་མཆོད། །
དེ་བཞིན་བདག་གི་སྙན་ངག་འདི་ངན་ཡང་། །
དམ་ཆོས་བརྗོད་ལ་བརྟེན་སླད་སྨད་མི་བགྱི། །
ཐུབ་པ་ཆེན་ཕོའི་བཀའ་ནི་སྙན་དགུ་ཞིག། །
ཁྱོད་ཀྱི་ཐུགས་སུ་ལྟ་ཡང་ཆུད་མོདཀྱི། །
རྡོ་ཐལ་ལས་བགྱིས་དགུང་ཟླའི་འོད་ཀྱིས་ནི། །
ཆེས་དཀར་ཉིད་དུ་ཅི་སྟེ་མི་བགྱིད་ལགས། །
རྒྱལབས་སངས་རྒྱས་ཆོས་དང་དགེ་འདུན་དང་། །
གཏོང་དང་ཚུལ་ཁྲིམས་ལྷ་རྗེས་དྲན་པ་དྲུག། །
རབ་ཏུ་བཀའ་སྩལ་དེ་དག་སོ་སོ་ཡི། །
ཡོན་ཏན་ཚོགས་ཀྱིས་རྗེས་སུ་དྲན་པར་བགྱི། །
དགེ་བའི་ལས་ལམ་བཅུ་པོ་ལུས་དང་ནི། །
ངག་དང་ཡིད་ཀྱིས་རྟག་ཏུ་བསྟེན་བགྱི་ཞིང་། །
ཆང་རྣམས་ལས་བཟློག་དེ་བཞིན་དགེ་བ་ཡི། །
འཚོ་བ་ལ་ཡང་མངོན་པར་དགྱེས་པར་མཛོད། །
ལོངས་སྤྱོད་གཡོ་བ་སྙིང་པོ་མེད་མཁྱེནནས་། །
དགེ་སློང་བྲམ་ཟེ་བཀྲེན་དང་བཤེས་རྣམས་ལ། །
སྦྱིན་པ་ཚུལ་བཞིན་སྩལ་བགྱི་ཕ་རོལཏུ། །
སྦྱིན་ལས་གཞན་པའི་གཉེན་མཆོག་མ་མཆིས་སོ། །
ཁྱོད་ཀྱིས་། །
ཚུལ་ཁྲིམས་མ་ཉམས་མོད་མི་དམའ། །
མ་འདྲེས་མ་སྦགས་མ་གོས་བསྟེན་པར་མཛོད། །
ཁྲིམས་ནི་རྒྱུ་དང་མེ་རྒ(